དྲན་ཤེས། Awareness
སེམས་རྩེ་གཅིག་པ་ནི་བསམ་བློ་དང་། ཚོར་བ། མྱོང་ཚོར་བཅས་དངོས་སུ་ཞིབ་ཕྲ་རྟོགས་པའི་བློ་སྦྱོང་བ་ལ་གོ་ཞིང་། དེའི་ནང་སོ་སོའི་ནང་སེམས་ཀྱི་གནས་སྟངས་དང་། གཞན་གྱི་གནས་བབས། གཞན་གྱི་དགོས་མཁོ་ཐེ་བའི་ཕྱི་ནང་གི་ཆོས་ཞིབ་ཅིང་ཕྲ་བ་རྟོགས་པའི་ནུས་པ་དང་། གཅིག་ལ་གཅིག་བརྟེན་པའི་འབྲེལ་བ་ནི་རང་གི་མི་ཚེ་དང་རང་ཉིད་གང་དུ་གནས་སའི་ལམ་ལུགས་ཀྱི་ཁྱད་ཆོས་ཤིག་ཏུ་རྟོགས་པའི་ནུས་པ་གཏོགས་ཡོད། དེ་ལྟའི་སེམས་རྩེ་གཅིག་པ་སྐྱེད་པར་བྱེད་པ་ལ་ཉམས་ལེན་དང་དོ་སྣང་ཡང་དག་པ་ཞིག་དགོས་ཤིང་། ཚོགས་སྤྱོད་དང་། མྱོང་ཚོར། བཟང་སྤྱོད་ཤེས་སྦྱོང་གི་གྱིས་དོ་སྣང་ནི་འཇོན་ཐང་གང་ཞིག་གཞན་དང་འདྲ་བར་རྒྱུད་ལ་ཡར་སྐྱེད་ཐུབ་པར་ཐབས་ཤེས་བྱེད། རང་གི་ནང་སེམས་ཀྱི་གནས་སྟངས་དང་། གཞན་གྱི་གནས་བབས། ཆེ་ས་ནས་ལམ་ལུགས་བཅས་ལ་དོ་སྣང་སྤྲོད་རྒྱུ་སྦྱངས་ན་འབུམ་རམས་པ་གོལ་མན་གྱིས་གསུངས་པ་ལྟར། ནང་དང་། ཕྱི། གཞན་བཅས་ལ་དོ་སྣང་ངམ་དམིགས་གཏོད་ཡར་རྒྱས་གཏོང་ཐུབ།
Awareness refers to cultivating a nuanced, first-person understanding of thoughts, feelings, and emotions. It pertains to the ability to perceive inner and outer phenomena in an increasingly sophisticated way, including one’s own inner life, the presence and needs of others, and interdependence as a feature of one’s own life and of the systems within which one exists. Cultivating this type of awareness requires practice and the refinement of attention, and SEE Learning approaches attention as a skill that can be cultivated just like any other. By learning to attend to one’s own inner states, to the presence of others, and to wider systems, one is able to develop what Dr. Goleman calls “inner, other and outer focus.”
Back to Top
སྙིང་རྗེ། Compassion
སྙིང་རྗེ་ནི་བྱམས་སེམས་དང་མཉམ་མྱོང་། གཞན་གྱི་བདེ་སྡུག་ལ་སེམས་ཁུར་བཅས་ཀྱི་ཐོག་ནས་རང་དང་། གཞན། འགྲོ་བ་མི་སྤྱི་ལ་འགྲོག་འདྲིས་བྱེད་སྟངས་སྦྱོང་བར་གོ །ཚོགས་སྤྱོད་དང་། མྱོང་ཚོར། བཟང་སྤྱོད་ཤེས་སྦྱོང་་གིརིན་ཐང་རྣམས་བཀའ་ཁྱབ་ལྟ་བུར་མ་བརྩིས་པར། སྒེར་གྱི་ངེས་ཤེས་དང་གོ་རྟོགས་ཀྱི་ཐོག་ནས་གཏན་ལ་ཕབ་སྟབས། སློབ་ཕྲུག་རྣམས་ལ་སྙིང་རྗེ་ཅན་ཞིག་བྱེད་དགོས་ཞེས་ལམ་སྟོན་ཙམ་གྱི་ཐོག་ནས་སྙིང་རྗེ་དང་བྱམས་པ་རྒྱུད་ལ་སྐྱེད་མི་ཐུབ། དེའི་ཕྱིར་སྙིང་རྗེ་རྒྱུད་ལ་སྐྱེད་པར་བྱེད་པ་ལ་མེད་དུ་མི་རུང་བའི་རྐྱེན་ནི་དཔྱད་ཞིབ་ཀྱི་བསམ་བློ་དེ་ཡིན། འོན་ཏེ་བསམ་བློ་དེ་སྤྱིར་བཏང་གི་བསམ་ཞིབ་ལ་མི་གོ་བར། དམིགས་བསལ་གྱི་བསམ་ཞིབ་སྟེ་སོ་སོ་རང་གི་དགོས་མཁོ་དང་། འདོད་པ། རིན་ཐང་བཅས་ངོ་འཕྲོད་ཕྱིར་བསམ་བློ་གཏིང་ཟབ་གཏོང་བ་ལ་གོ་དགོས། དེའི་ནང་རང་གི་ཕུགས་ཀྱི་བདེ་བ་གང་གིས་སྒྲུབ་པར་བྱེད་པ་ལ་རིག་པས་རྩད་དཔྱོད་བྱེད་པའི་ནུས་པ་གཏོགས་ཡོད། ནུས་པ་འདི་སྒེར་གྱི་ཁྱབ་ཁོངས་ལས་བརྒལ་ན། དེའི་ནང་གཞན་གྱི་དགོས་མཁོ་ངོས་འཛིན་དང་རྟོགས་པ་ཚུད་ཅིང་། མཐར་རྒྱ་ཆེ་ས་ནས་འགྲོ་བ་མིའི་རིགས་ཚང་མ་གཅིག་གྱུར་ཡིན་པ་ངོས་འཛིན་ཐུབ་པ་ཡོང་གི་ཡོད།
Compassion refers to cultivating a way of relating to oneself, others, and humanity as a whole through kindness, empathy, and a concern for their happiness and suffering. Since the values in SEE Learning are not based on injunctions, but rather on personal insight and understanding, the cultivation of compassion and kindness cannot happen through merely instructing students to behave in a compassionate way. Therefore crucial to the dimension of compassion is critical thinking. This, however, is not just any kind of critical thinking, but a specific type of critical thinking that seeks to understand one’s own personal needs, wants, and values. This includes the ability to discern what will bring about one’s own long-term well-being. When this is extended beyond the personal domain, it includes recognizing and discerning the needs of others, and ultimately coming to recognize common humanity on a larger scale.
Back to Top
ལས་ལ་ཞུགས་པ། Engagement
ལས་སུ་ཞུགས་པ་ནི་ཐབས་ལམ་གང་ཞིག་བརྒྱུད་དེ་སེམས་རྩེ་གཅིག་པ་དང་སྙིང་རྗེའི་རྩལ་གཉིས་ལས་གང་ཤེས་པ་རྣམས་ཉམས་ལེན་ནང་སྒྲིལ་རྒྱུའམ་ལག་བསྟར་བྱ་རྒྱུ་དེར་གོ །རྩལ་འདི་ནི་རང་ཉིད་དང་། སྤྱི་ཚོགས། མང་ཚོགས་ཀྱི་བདེ་ཐབས་བཅས་ཀྱི་ཆ་རྐྱེན་དུ་འགྱུར་པའི་སྤྱོད་ལམ་ལེགས་བཅོས་དང་། བློའི་འཁྱེར་སོ་དང་། རང་གཤིས། འཇོན་ཐང་བཅས་ལ་གོམས་འདྲིས་བསྟེན་པར་གོ་ཞིང་། འདིའི་ནང་སྒེར་གྱི་ཁྱབ་ཁོངས་ཁྲོད་རང་གིས་རང་སྟངས་འཛིན་བྱེད་པའི་ཉམས་ལེན་དང་། སྤྱི་ཚོགས་ཀྱི་ཁྱབ་ཁོངས་ནང་གཞན་དང་འབྲེལ་བ་བྱེད་པའི་སྤྱི་ཚོགས་ཀྱི་རྩལ་དང་ནུས་པ། ལམ་ལུགས་ཀྱི་ཁྱབ་ཁོངས་ནང་ ལས་སུ་ཞུགས་པ་ནི་གོ་ལ་ཡོངས་ཀྱི་ཆབ་འབངས་ཡིན་པའི་ཆ་ནས་རྒྱ་ཆེ་བའི་ལམ་ལུགས་ལ་རྒྱུས་མངའ་ལོན་ཏེ་སྙིང་རྗེ་ཆེན་པོས་འཇུག་པ་ཚུད་ཡོད།
Engagement refers to the methods by which one puts into practice what one has gained from the awareness and compassion dimensions. This dimension refers to learning the behaviors and habituating the attitudes, dispositions and skills that are conducive to personal, social and communal well-being. This includes practices of self-regulation in the personal domain; social skills and the ability to relate to others in the social domain; and in the systems domain, engagement as a global citizen who is aware of larger systems and acts conscientiously and compassionately within them.
Back to Top
དོ་སྣང་དང་རང་རྒྱུད་རང་ཤེས། Attention & Self-Awareness
- ལུས་དང་ཚོར་བ་ལ་དོ་སྣང་བྱེད་པ། སྤྱིར་ལུས་ཀྱི་ཚོར་བ་དང་བྱེ་བྲག་ཏུ་གནོན་ཤུགས་དང་བདེ་ཐབས་དང་འབྲེལ་བའི་ཚོར་བ་ཁག་ལ་དོ་སྣང་བྱས་ཏེ་འགྲེལ་བརྗོད་བྱ་རྒྱུ།
- མྱོང་ཚོར་དང་ཚོར་བ་ལ་དོ་སྣང་བྱེད་པ། སོ་སོའི་མྱོང་ཚོར་གྱི་རིགས་དང་དེ་དག་མངོན་དུ་འགྱུར་བའི་ཚེ་དེ་དག་གི་ཤུགས་ཚད་ལ་དོ་སྣང་བྱས་ཏེ་ངོས་འཛིན་བྱ་རྒྱུ།
- སེམས་ཀྱི་ས་ཁྲ། སེམས་ཀྱི་ཁྱད་ཆོས་བཟང་བ་ནས་ངན་པའི་བར་ཐེ་བའི་མྱོང་ཚོར་གྱི་དཔེའི་ཐོག་ནས་མྱོང་ཚོར་གྱི་རིགས་རྣམས་སྡེ་ཚན་སོ་སོར་འབྱེད་རྒྱུ།
- Attending to Our Body and Sensations – Notice and describe sensations in the body, especially those related to stress and well-being
- Attending to Emotions and Feelings - Attend to and identify one’s emotions in type and intensity as they arise
- Map of the Mind - Categorize emotions in relation to emotion models including the continuum from beneficial to potentially harmful
Back to Top
རང་གིས་རང་ལ་སྙིང་རྗེ་བྱེད་པ། Self-Compassion
- སྐབས་དོན་དང་འབྲེལ་ནས་མྱོང་ཚོར་གོ་རྟོགས། མྱོང་ཚོར་མངོན་དུ་འགྱུར་པའི་ཚེ་ངོས་འཛིན་བྱས་ཏེ། འདོད་པ་དང་། འཆར་སྣང་། བསམ་བློའི་འཁྱེར་སོ་སོགས་ཐེ་བའི་ཀུན་ནས་སློང་བྱེད་དང་བཅས་གནས་སྐབས་གང་ཞིག་ལ་དེ་དག་་མངོན་དུ་འགྱུར་བའི་ཚུལ་ཤེས་པ་བྱ་རྒྱུ།
- རང་ཉིད་ཁས་ལེན་བྱེད་པ། རང་གི་ལྟ་ཚུལ་གྱི་ཐོག་ནས་སེམས་ནང་ངལ་གསོ་འཐོབ་ཕྱིར་རང་ཉིད་དང་རང་གི་མྱོང་ཚོར་གྱི་སྐབས་དོན་ཤེས་པ་བྱས་ཏེ་ཁས་ལེན་བྱ་རྒྱུ།
- Understanding Emotions in Context – Recognize emotions as they arise and understand how they arise within a context, including underlying needs, perceptions, and attitudes
- Self-Acceptance – Accept oneself and one’s emotions by understanding their context, allowing for a relaxation of self-judgment
Back to Top
རང་གིས་རང་སྟངས་འཛིན་བྱེད་པ། Self-Regulation
- ལུས་ཆ་སྙོམ་པ། བདེ་ཐབས་ལེགས་སུ་གཏོང་ཕྱིར་དམིགས་བསལ་བྱ་བ་ལ་ཞུགས་པ་དང་། གནོན་ཤུགས་ཡོད་པའམ་ལུས་ཟུངས་ཟད་པའི་ཚེ་ལུས་དང་དབང་རྩའི་མ་ལག་ལ་སྟངས་འཛིན་བྱ་རྒྱུ།
- ངེས་རྟོགས་དང་སེམས་ཀྱི་གཡོ་འགུལ་ལ་ཚོད་འཛིན་བྱེད་པ། རྣམ་གཡེང་མེད་པའི་སྒོ་ནས་སེམས་དམིགས་པ་གཅིག་གམ་བྱ་བ་གཅིག་ཡང་ན་མྱོང་བ་གཅིག་གི་ཐོག་རྒྱུན་མཐུད་དེ་གཏོད་རྒྱུ།
- མྱོང་ཚོར་ལ་ཁ་ལོ་སྒྱུར་བ། སེམས་ཀྱི་གཡོ་འགུལ་དང་མྱོང་ཚོར་ལ་བཟང་ཕྱོགས་ནས་ཡ་ལན་སྤྲོད་པ་དང་། སོ་སོའི་ཕུགས་ཀྱི་བདེ་ཐབས་ལ་མཐུན་སྦྱོར་བྱེད་པའི་སྤྱོད་ལམ་དང་བློའི་འཁྱེར་སོ་རྒྱུད་ལ་སྐྱེད་ཐབས་བྱ་རྒྱུ།
- Balancing the Body - Regulate the body and nervous system, especially when activated, stressed or lacking in energy, to optimize well-being
- Cognitive and Impulse Control - Sustain attention on an object, task, or experience, avoiding distraction.
- Navigating Emotions - Respond constructively to impulses and emotions and cultivate the behaviors and attitudes that facilitate one’s long-term well-being
Back to Top
གང་ཟག་ཕན་ཚུན་ལ་དམིགས་པའི་དྲན་ཤེས། Interpersonal Awareness
- རང་རེའི་སྤྱི་ཚོགས་ཀྱི་དོན་དངོས་ལ་དོ་སྣང་བྱེད་པ། རང་ཆས་སུ་གྲུབ་པའི་ངེད་ཅག་གི་སྤྱི་ཚོགས་ཀྱི་རང་བཞིན་ངོས་འཛིན་བྱ་རྒྱུ་དང་། མི་གཞན་དང་དེ་དག་གིས་ངེད་ཅག་གི་མི་ཚེའི་ནང་ཤུགས་རྐྱེན་སྤྲོད་ཕྱོགས་ཐད་དོ་སྣང་བྱ་རྒྱུ།
- རང་གཞན་ཐུན་མོང་གི་དོན་དངོས་ལ་དོ་སྣང་བྱེད་པ། གཞི་རྩའི་ཆ་ནས་རང་གཞན་གཉིས་ཀས་ཐུན་མོང་དུ་གང་འདོད་པར་བརྩི་མཐོང་བྱ་རྒྱུ། དཔེར་ན། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ། མྱོང་ཚོར་དང་ལུས་ཀྱི་གནས་སྟངས་གཅིག་མཚུངས་ཡོད་པ། དེ་མིན་གྱི་གཅིག་གྱུར་གྱི་མྱོང་བ་ལྟ་བུ།
- སྣ་ཚོགས་རང་བཞིན་དང་ཁྱད་པར་ལ་བརྩི་མཐོང་བྱེད་པ། ང་ཚོ་ཐུན་མོང་གི་དོན་དངོས་ཀྱི་ཆ་ཤས་སུ་གྱུར་པའི་སྣ་ཚོགས་རང་བཞིན་དང་། གང་ཟག་སྒེར་དང་སྡེ་ཚན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཁྱད་པར་དག་ལ་བརྩི་མཐོང་བྱེད་དགོས་ཤིང་། ཁྱད་པར་དེ་དག་དང་དེ་དག་གིས་ང་ཚོ་ཐུན་མོང་གི་མི་ཚེར་ཤུགས་རྐྱེན་སྤྲོད་ཕྱོགས་ཐད་བརྩི་བཀུར་ཞུ་ཐབས་བྱེད་པར་བརྩི་མཐོང་བྱ་རྒྱུ།
- Attending to Our Social Reality – Recognize our inherently social nature and attend to the presence of others and the roles they play in our lives
- Attending to Our Shared Reality with Others - Appreciate what we share with others on a fundamental level, such as wanting happiness and to avoid suffering, having emotions and body states, and other common experiences
- Appreciating Diversity and Difference – Appreciate that part of our shared reality is the diversity, uniqueness and difference of individuals and groups, learning to respect those differences and the way they add to our collective life
Back to Top
གཞན་ལ་དམིགས་པའི་སྙིང་རྗེ། Compassion for others
- སྐབས་དོན་ལ་གཞིགས་ཏེ་གཞན་གྱི་ཚོར་བ་དང་མྱོང་ཚོར་ཤེས་ཐབས་བྱེད་པ། གནས་སྐབས་དང་བསྟུན་ནས་གཞན་གྱི་ཚོར་བ་རྟོགས་པ་བྱ་རྒྱུ་དང་། རང་དང་འདྲ་བར་གཞན་གྱི་ཚོར་བ་དེ་དག་ཀྱང་འདོད་པའི་དབང་གིས་མངོན་དུ་འགྱུར་བའི་ཚུལ་ཤེས་པ་བྱ་རྒྱུ།
- བྱམས་པ་དང་སྙིང་རྗེར་བརྩི་མཐོང་བྱས་ཏེ་རྒྱུད་ལ་སྐྱེད་པ། བྱམས་པ་དང་སྙིང་རྗེའི་ཕན་ཡོན་ལ་བརྩི་མཐོང་བྱས་ཏེ། རང་གཤིས་སུ་རྒྱུད་ལ་སྐྱེད་ཐབས་བྱ་རྒྱུ།
- དེ་མིན་བཟང་སྤྱོད་ཀྱི་རང་གཤིས་གཞན་ལ་བརྩི་མཐོང་བྱས་ཏེ་རྒྱུད་ལ་སྐྱེད་པ། དཔེར་ན། དགོངས་ཡངས་དང་། བཟོད་པ། ཆོག་ཤེས། སྦྱིན་པ། ངོ་ཚ་ཤེས་པ་ལྟ་བུའི་བཟང་སྤྱོད་ཀྱི་རང་གཤིས་དང་སྤྱི་ཚོགས་དང་མཐུན་པའི་མྱོང་ཚོར་གྱི་རིགས་ལ་རིན་ཐང་སྤྲད་དེ་རྒྱུད་ལ་སྐྱེད་ཐབས་བྱ་རྒྱུ།
- Understanding others’ feelings and emotions in context – Understand other’s feelings in context and understand that, like oneself, others have feelings caused by needs
- Appreciating and Cultivating Kindness and Compassion – Value the benefits of kindness and compassion and cultivate them as a disposition
- Appreciating and Cultivating Other Ethical Dispositions – Value and cultivate ethical dispositions and prosocial emotions, such as forgiveness, patience, contentment, generosity, and humility
Back to Top
ཕན་ཚུན་འབྲེལ་བ་བྱེད་པའི་རྩལ། Relationship Skills
- གཞན་ཚོར་ཤེས་པའི་ཐོག་ནས་ཉན་པ། གཞན་དང་གཞན་གྱི་དགོས་མཁོར་གོ་རྟོགས་མཐིལ་ཕྱིན་པ་རྙེད་ཕྱིར་དོ་སྣང་དང་བཅས་ཉན་རྒྱུ།
- འབྲེལ་ལམ་བྱེད་མཁས་པ། རང་གཞན་གཉིས་ཀར་ནུས་སྟོབས་སྤེལ་བའི་སླད་སྙིང་རྗེའི་རྩིས་ཟིན་ཏེ་འབྲེལ་བ་བྱ་རྒྱུ།
- གཞན་ལ་རོགས་བྱེད་པ། གཞན་གྱི་དགོས་མཁོ་དང་བསྟུན་ནས་དེ་དག་གི་ནུས་པ་དང་འཚམ་པའི་རོགས་རམ་བྱ་རྒྱུ།
- རྩོད་རྙོག་འགྱུར་ལྡོག་གཏོང་བ། རྩོད་རྙོག་ཁག་ལ་བཟང་ཕྱོགས་ནས་ཡ་ལན་བྱས་ཏེ། མཉམ་རུབ་དང་། འགྲིག་འཇགས། ཞི་བདེའི་ལམ་ནས་འབྲེལ་བ་འོང་བར་མཐུན་སྦྱོར་བྱ་རྒྱུ།
- Empathic Listening - Listen attentively for the purpose of understanding others and their needs more deeply
- Skillful Communication – Communicate compassionately in a way that empowers self and others
- Helping Others – Offer help to others according to their needs and proportionate to one’s ability
- Conflict Transformation - Respond constructively to conflict and facilitate collaboration, reconciliation and peaceful relations
Back to Top
གཅིག་ལ་གཅིག་བརྟེན་གྱི་འབྲེལ་བར་བརྩི་མཐོང་བྱེད་པ། Appreciating interdependence
- རྟེན་འབྲེལ་གྱི་རྣམ་གཞག་རྟོགས་པ། དཔེར་ན། རྒྱུ་འབྲས་ཀྱི་རིམ་པར་བརྟག་དཔྱད་བྱེད་པའི་ཐོག་ནས་རྟེན་ཅིང་འབྲེལ་བར་བྱུང་བ་དང་དེའི་རྣམ་གཞག་གི་ཁྱད་ཆོས་རྟོགས་པར་བྱ་རྒྱུ།
- ལམ་ལུགས་ནང་གང་ཟག་སྒེར། རང་དང་གཞན་རྣམས་ལམ་ལུགས་ཤིག་གི་ནང་ཇི་ལྟར་གནས་པ་དང་། ལམ་ལུགས་དེས་ཤུགས་རྐྱེན་སྤྲོད་ཚུལ་ངོས་འཛིན་བྱ་རྒྱུ།
- Understanding interdependent systems – Understand interdependence and the properties of systems, such as through exploring chains of cause and effect
- Individuals within a Systems Context – Recognize how oneself and others exist within a systems context and affect and are affected by that context
Back to Top
འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པ་ངོས་འཛིན་པ། Recognizing Common Humanity
- ཐམས་ཅད་ཀྱི་གཞི་རྩའི་འདྲ་མཉམ་ལ་བརྩི་མཐོང་བྱེད་པ། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལྟ་བུའི་རང་ཅག་འགྲོ་བ་མི་རྣམས་ཀྱིས་ཐུན་མོང་དུ་མངོན་པར་འདོད་པའི་དོན་ངོས་འཛིན་བྱས་ཏེ། གཞི་རྩའི་འདྲ་མཉམ་གྱི་གནས་སྟངས་དང་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པ་ཤེས་པ་དེ་རང་གི་སྤྱི་ཚོགས་ཀྱི་ཕྱི་རོལ་དང་མཐར་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་བསྐྱེད་གཏོང་རྒྱུ།
- ལམ་ལུགས་ཀྱིས་བདེ་ཐབས་ཐད་ཤུགས་རྐྱེན་བྱ་ཚུལ་ངོས་འཛིན་པ། དཔེར་ན། བཟང་ཕྱོགས་ཀྱི་རིན་ཐང་གོང་མཐོར་གཏོང་བའམ་རྩོད་རྙོག་ཅན་གྱི་ཡིད་ཆེས་དང་མ་དྲང་བའི་ཆ་རྣམས་རྒྱུན་བསྲིངས་ནས། རིག་གཞུང་དང་གཞི་སྒྲོམ་གྱི་རིམ་པའི་ཐོག་ལ་ལམ་ལུགས་ཀྱིས་བདེ་ཐབས་ལ་མཐུན་འགྱུར་བྱེད་པའམ་ཕུང་ལ་སྦྱོར་ཚུལ་ངོས་འཛིན་བྱ་རྒྱུ།
- Appreciating the Fundamental Equality of All – Extend the realization of fundamental equality and common humanity to those outside one’s immediate community and ultimately to the world, recognizing those things that we all share in common as human beings, such as our aspiration for happiness and well-being and to avoid suffering
- Appreciating How Systems Affect Well-Being – Recognize how systems can promote or compromise well-being on cultural and structural levels, such as by promoting positive values or perpetuating problematic beliefs and inequities
Back to Top
སྤྱི་ཚོགས་དང་གོ་ལ་ཡོངས་ཁྱབ་ཀྱི་ལས་དོན་ལ་ཞུགས་པ། Community and Global Engagement
- སྤྱི་ཚོགས་དང་གོ་ལ་ཡོངས་སུ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་བའི་རང་གི་ནུས་པ་ལ་དཔྱད་པ། རང་གི་ནུས་པ་དང་གོ་སྐབས་གཞི་ལ་བཞག་སྟེ་སྒེར་རམ་མཉམ་རུབ་ཀྱི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་བའི་སོ་སོའི་ནུས་པ་ངོས་འཛིན་བྱ་རྒྱུ།
- སྤྱི་ཚོགས་དང་གོ་ལ་ཡོངས་ཀྱི་ཐབས་ལམ་ལ་འཇུག་པ། སྤྱི་ཚོགས་སམ་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་སྦྱིན་པའི་གནད་དོན་ཁག་ལ་གདོང་ལེན་ཆེད་གསར་གཏོད་དང་མཉམ་རུབ་ཀྱི་ཐབས་ལམ་འཚོལ་ཞིབ་དང་བསམ་ཞིབ་བྱ་རྒྱུ།
- Exploring One’s Potential for Effecting Positive Change in Community and World – Recognize one’s own potential to effect positive change based on one’s abilities and opportunity, individually or collaboratively
- Engaging in Communal and Global Solutions – Explore and reflect on creative and collaborative solutions to issues affecting one’s community or the world
Back to Top
Showing
entries
(filtered from
total entries)