responsive web templates
Mobirise

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས།

ངའི་རེ་བ་དང་མངོན་འདོད་ནི། ཉིན་གཅིག་ཡོངས་ཁྱབ་ཤེས་ཡོན་གྱི་ལམ་སྲོལ་རང་གི་ནང་དུ་སེམས་སྦྱོང་གི་སློབ་གསོ་ཡང་ཚུད་པ་དེ་ཡིན། རྒྱུན་དུ་ང་ཚོས་སློབ་གྲྭའི་ཁོར་ཡུག་ནང་གཞི་རིམ་གྱི་བསླབ་གཞིའི་ཐད་སློབ་ཕྲུག་ཚོའི་ཐོས་རྒྱ་ཤེས་རྒྱ་ཆེ་རུ་གཏོང་དགོས་པ་ལོས་ཡིན་སྙམ་དུ་སེམས་པ་ཇི་བཞིན་དུ། ཉིན་ཞིག་བྱམས་པ་དང་། སྙིང་རྗེ། དྲང་བདེན། འཁོན་དྭངས་ལྟ་བུའི་ནང་གི་རིན་ཐང་སྐོར་གྱི་སློབ་གསོ་ཡང་ཉིན་རེའི་སློབ་ཚན་གྱི་ཆ་ཤས་སུ་གྱུར་ཏེ་སློབ་མ་ཚོས་དེའི་ཐད་རྟོགས་སད་ཐོབ་དགོས་པ་ལོས་ཡིན་སྙམ་དུ་སེམས་ཐུབ་པ་ཞིག་ཏུ་འགྱུར་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད།

བཀའ་སློབ་བརྙན་འཕྲིན།
Mobirise

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག

Mobirise

མཁས་དབང་ཟམ་གདོང་རིན་པོ་ཆེ།

Mobirise

དགེ་བཤེས་ལྷག་རྡོར།

Mobirise

དགེ་བཤེས་ཐུབ་བསྟན་སྦྱིན་པ།

Mobirise

དགེ་བཤེས་བློ་བཟང་བསྟན་འཛིན།

Mobirise

དགེ་བཤེས་ཡེ་ཤེས་རྒྱལ་མཚན།

བསླབ་གཞི་རྩ་འཛིན་དང་དཔེ་དེབ་ཁག
Mobirise

བསླབ་གཞི་རྩ་འཛིན། (བོད་ཡིག)

Mobirise

བསླབ་གཞི་རྩ་འཛིན། (ཨིན་ཡིག)

Mobirise

གཞི་རིམ་འོག་མའི་བསླབ་གཞི།

Mobirise

གཞི་རིམ་བར་མའི་བསླབ་གཞི།

Mobirise

བཀའ་སློབ་བཅར་འདྲི།

Mobirise

ཚང་མར་འཚམས་པའི་བསླབ་བྱ།

Mobirise

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དཔེ་མཚོན།

Mobirise

སཱི་ཤེས་ཡོན་སློབ་གསོའི་རྒྱུན་སྤྱོད་ལག་དེབ།

Mobirise

འཇིག་རྟེན་མི་ཆོས་ལ་བརྟེན་པའི་བཟང་སྤྱོད།

བསླབ་གཞི་རྩ་འཛིན་གྱི་སྒྲོམ་གཞི། ཁྱབ་ཁོངས་དང་ཁྱད་ཆོས་རིམ་པ་དགུ།
Mobirise

Nine components of the domains and dimensions in the SEE learning Framework of Center for Contemplative Science and Compassion- Based Ethics, Emory University

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་སྐུལ་བའི་དཔེ་མཚོན་བཅུ།

ཨེ་མོ་རི་གཙུག་ལག་སློབ་ཁང་གི་བསླབ་གཞི་རྩ་འཛིན་རགས་ཟིན་ལ་གཞི་བཅོལ་ཡོད།

ཇི་ལྟར་ཉི་མ་མེ་ཏོག་གིས་རང་ཉིད་གསོ་སྐྱོང་བྱེད་པོ་ཉི་མ་ལ་རང་བཞིན་གྱིས་ཁ་ཕྱོགས་པ་བཞིན། ང་ཚོ་འགྲོ་བ་མི་རྣམས་ཀྱང་ཕན་སེམས་ཕྱོགས་སུ་རང་བཞིན་གྱིས་ཁ་ཕྱོགས་ཡོད།

Mobirise

ཚན་རིག་པས་དངོས་པོ་མིག་གིས་དངོས་སུ་མཐོང་མི་ཐུབ་པ་རྣམས་ཕྲ་མཐོང་ཆེ་ཤེལ་བརྒྱུད་ནས་མཐོང་བ་བཞིན། ང་ཚོའི་ནང་སེམས་ཀྱི་གཡོ་འགུལ་དང་མྱོང་བ་རྣམས་སེམས་བརྟན་པོ་དང་གཙང་མ་ཞིག་གིས་མཐོང་བར་བྱེད།

Mobirise

བུམ་པའི་ནང་གི་ཆུས་ང་ཚོའི་སེམས་མཚོན། དེའི་ནང་གི་འདམ་བག་དང་དངོས་པོ་འདྲ་མིན་རྣམས་ང་ཚོའི་རྒྱུད་ཀྱི་བསམ་བློ་དང་། ཚོར་བ། སེམས་མྱོང་སྣ་ཚོགས་དང་འདྲ། བུམ་པ་དེ་དཀྲུགས་ན་འདམ་ལ་སོགས་པ་ཆུ་དང་འདྲེས་ནས་ཆུ་རྙོག་མར་འགྱུར། ཡིན་ནའང་། བུམ་པ་དེ་མ་དཀྲུགས་ན་འདམ་ལ་སོགས་པ་རང་འཇགས་གནས་ནས་ཆུ་དེ་མ་འཁྲུགས་པར་གཙང་མར་གནས།

Mobirise

དམག་འཐབ་སྐབས་དམག་མི་ཡིས་ཕུབ་ཀྱིས་ཕ་རོལ་པོས་ཚུར་རྒོལ་ལས་བསྐྱབས་ཏེ་གདེང་སྤོབས་བསྐྲུན་པ་ལྟར། དཀའ་ངལ་དང་ལེན་དང་སྙིང་སྟོབས་བསྐྱེད་པས་རྐྱེན་ངན་ལས་སྐྱོབ་པ་དང་། དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་པའི་ནུས་པ་སྤེལ།

Mobirise

ཚེར་མ་ཅན་གྱི་དངོས་པོ་རྣམས་ལག་པས་ཇི་ཙམ་དམ་པོར་བཟུང་བ་དེ་ཙམ་གྱིས་རང་ཉིད་ཟུག་གཟེར་གྱིས་མནར་བ་དང་། དེ་ལྟ་བུའི་ཟུག་གཟེར་འགོག་པའི་ཐབས་ལེགས་ཤོས་ནི་ཚེར་མ་ཅན་གྱི་དངོས་པོ་དེ་ལས་གཡོལ་ཐབས་བྱ་རྒྱུ་དེ་ཡིན་པ་ལྟར། ཞེ་སྡང་ལ་ཇི་ཙམ་དང་དོད་བྱས་པ་དེ་ཙམ་གྱིས་སོ་སོ་ལ་གནོད་པ་མང་བ་ཡོང་བར་བརྟེན། ལག་ལེན་ཡག་ཤོས་ནི་བཟོད་བསྲན་བྱེད་རྒྱུ་དེ་ཡིན།

Mobirise

སྣོད་ཞབས་མ་རྡོལ་བའི་ནང་ཆུ་བཀང་ན་མྱུར་དུ་ཁེངས་ནས་ལུད་པ་བཞིན་དུ། རྒྱུན་གཏན་པའི་རང་སྒྲིག་རང་སྲུང་དང་། ཆོག་ཤེས་ཡོད་ན་གཞན་དང་མཉམ་སྤྱོད་བྱེད་པ་ངང་གིས་འོང་།

Mobirise

ཉི་མའི་འོད་ཟེར་ཕྱོགས་ཐམས་ཅད་དུ་གཅིག་མཚུངས་སུ་འཕྲོ་བ་བཞིན་དུ། བཏང་སྙོམས་ཀྱི་བློས་ཉེ་དགའ་ཕྱོགས་ལྷུང་གི་རྒྱ་ལས་འདའ་བར་བྱེད་ཅིང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གཞན་གྱི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་བྱེད།

Mobirise

སྣོད་བཅུད་ཀྱི་འཇིག་རྟེན་གཅིག་ནང་ཆོས་གང་ཡིན་རུང་རྐྱེན་གཞན་མཐའ་ཡས་པ་ལ་སྦྲེལ་བའམ་བརྟེན་ནས་ཡོད་པ་བཞིན་དུ། ང་ཚོ་མི་རེ་ངོ་རེ་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པས་སེམས་ཅན་གཞན་གྲངས་མེད་ལ་བརྟེན་ནས་གནས་ཡོད། རང་གི་བདེ་ཐབས་ལ་གཞན་གྱིས་མཐུན་སྦྱོར་ཇི་ལྟར་བྱེད་པ་ཤེས་ན་བཀའ་དྲིན་གྱི་ཚོར་བ་ཞིག་སྐྱེ་བར་འགྱུར།།

Mobirise

ཁ་རྒྱུན་དུ། གཞན་རྒྱུས་ལོན་དགོས་ན། རང་གིས་གཞན་གྱི་གནས་སྟངས་དེར་དངོས་སུ་ཞུགས་དགོས་ཞེས་པ་ལྟར། རང་གཞན་གྱི་གནས་སྟངས་བརྗེ་པོ་བརྒྱབས་ན་གཞི་ནས་གཞན་གྱི་ཚོར་བ་ལ་རྒྱུས་མངའ་ལོན་ཏེ། སྐྱིད་སྡུག་མཉམ་མྱོང་གི་ཚོར་བ་ཞིག་སྐྱེས་ནས་གཞན་ལ་རོགས་རམ་བྱ་རྒྱུའི་འདུན་པ་སྐྱེ་ངེས།

Mobirise

སྒྲོན་མེའི་འོད་ཇི་ཙམ་གསལ་པོ་ཡོད་པ་དེ་ཙམ་གྱི་ཉེ་འཁོར་གྱི་དངོས་པོ་རྣམས་གསལ་པོ་མཐོང་ཐུབ། དེ་བཞིན་དུ་མིའི་རྣམ་དཔྱོད་ཇི་ཙམ་ཆེ་ན། དེ་ཙམ་གྱིས་དངོས་པོའི་གནས་ལུགས་རྣམས་རྟོགས་ཐུབ། གནས་སྟངས་བྱེ་བྲག་པ་ཞིག་ལ་རང་གི་གོ་རྟོགས་དོན་དངོས་དང་མཐུན་ཏེ་ཆ་ཚང་བ་ཞིག་ཏུ་འགྱུར་རོ། །

FUNDED BY: Fonds De Donation Mon Kontan Ou, France